This is a བོད་ཡིག/Tibetan-language translation. For language support in Tibetan, email Cultural Linguistic Services at tibetan-cls@wisc.edu.
ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱི་སློབ་ཕྲུག་དང་ལས་བྱེད་ཀུན་གྱིས་ངེས་པར་དུ་ཕྱི་ཟླ་ ༣ ཚེས་ ༣༡ བར་དུ་སོ་སོའི་ཌོའོ་སྤོ་འཁྱེར་བཀོལ་ཆས་ (Duo Mobile app) གསར་སྣོན་ (update) བྱེད་དགོས། གཙུག་ལག་སློབ་ཆེན་གྱི་མ་ལག་སྟེ་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱི་གློག་འཕྲིན་དང་། པར་རས་ (Canvas) སློབ་ཚན། རྫོམ་ (Zoom) ཚོགས་འདུ། དུས་ཚོད་རེའུ་མིག ཕོགས་སྤྲོད་སོགས་མུ་མཐུད་སྤྱོད་ཆེད་དེ་རིང་ཁྱེད་ཀྱི་སྤོ་འཁྱེར་བཀོལ་ཆས་གསར་སྣོན་བྱ་རྒྱུ།
ག་རེ་བྱུང་བ་རེད། བདེ་འཇགས་སྲ་བརྟན་ཡོང་ཆེད། Duo Security ཀྱིས་སྤོ་འཁྱེར་བཀོལ་ཆས་ཀྱི་ཐོན་རིམ་རྙིང་པའི་རམ་འདེགས་མཚམས་འཇོག་བྱེད་ཀྱི་རེད། ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༣༡ རྗེས་སུ། བཀོལ་ཆས་ཐོན་རིམ་རྙིང་པས་མིང་རྟགས་རྐྱེན་མང་ངོ་རྟགས་ར་འཕྲོད་ (NetID multifactor authentication) ལ་ལས་ཀ་བྱེད་མཚམས་འཇོག་གི་རེད།
ཁྱེད་ཀྱི་ཌོའོ་སྤོ་འཁྱེར་བཀོལ་ཆས་ (Duo Mobile app) ལ་གསར་སྣོན་བྱ་རྒྱུ།
- App Store བཀོལ་ཆས་ཚོང་ཁང་(iPhone ནམ་ iPad) ངམ་ Play Store བཀོལ་ཆས་ཚོང་ཁང་(Android) གི་ཁ་འབྱེད་རྒྱུ།
- “Duo Mobile” (ཌོའོ་སྤོ་འཁྱེར་)འཚོལ་རྒྱུ།
- ཌོའོ་སྤོ་འཁྱེར་ (Duo Mobile) འགྲམ་གྱི་ Update (གསར་སྣོན་) ཞེས་པར་གཞུ་རྡེག་བྱ་རྒྱུ།
- ཕབ་ལེན་དང་ནང་འཇུག་བྱ་རྒྱུའི་གསར་སྣོན་ལ་སྒུག་རྒྱུ།
- ལས་ཀ་བྱེད་ཀྱི་ཡོད་མེད་ར་འཕྲོད་ཆེད་བཀོལ་ཆས་ཀྱི་ཁ་འབྱེད་རྒྱུ།
iOS དང་ iPadOS ཆེད་དུ་ཌོའོ་སྤོ་འཁྱེར་ (Duo Mobile) ཕབ་ལེན་བྱ་རྒྱུ།
གལ་ཏེ་ཁྱེད་ཀྱིས་བཀོལ་ཆས་གསར་སྣོན་བྱེད་མི་ཐུབ་ཚེ།
ཁྱེད་ཀྱི་ཁ་པར་ཀྱི་བཀོལ་སྤྱོད་མ་ལག་ (operating system) ཧ་ཅང་རྙིང་པ་ཆགས་ཡོད་སྲིད། ཌོའོ་སྤོ་འཁྱེར་ (Duo Mobile) བཀོལ་ཆས་དགོས་པ་ནི།
- iPhone དང་ iPad ལ། iOS 16 གམ་དེ་ལས་གསར་པ།
- Android ལ། Android 12 སམ་དེ་ལས་གསར་པ།
ཁྱེད་ཀྱི་བཀོལ་སྤྱོད་མ་ལག་གི་ཐོན་རིམ་ག་རེ་ཡིན་མིན་ལྟ་སྟངས།
- iPhone ལ། Settings (སྒྲིག་བཀོད་) སྟེང་འགྲོ་རྒྱུ། དེ་ནས་ General (སྤྱིར་བཏང་)། དེ་ནས་ About (སྐོར) ། དེ་ནས་ iOS Version (ཐོན་རིམ་) སྟེང་འགྲོ་རྒྱུ།
- Android ལ། Settings (སྒྲིག་བཀོད་) སྟེང་འགྲོ་རྒྱུ། དེ་ནས་ About Phone (ཁ་པར་སྐོར) ། དེ་ནས་ Android Version (ཐོན་རིམ་) སྟེང་འགྲོ་རྒྱུ།
གལ་ཏེ་གསར་སྣོན་བྱེད་པར་ཁྱེད་ཀྱི་ཁ་པར་ཧ་ཅང་རྙིང་པ་ཡིན་ཚེ།
ཁྱེད་ལ་གདམ་ཀ་གསུམ་ཡོད་པར།
- གོང་གི་དགོས་འདུན་བླང་བྱར་བསྟུན་ཆེད་ཁ་པར་རམ་ཊབ་ལེབ་ (tablet) གཞན་པ་ཞིག་བེད་སྤྱོ་བྱ་རྒྱུ།
- ཕྱི་ཟླ་ ༣ ཚེས་ ༣༡ བར་དུ་ (Create backup passcodes) (རྒྱབ་རྟེན་གསང་རྟགས་གསར་བཟོ་བྱ་རྒྱུ།) (Instructions for creating backup passcodes)
- ཁྱེད་ཀྱི་ལས་བྱེད་བདག་གཉེར་ (Human Resources) ཡིག་ཚང་དང་། བརྡ་འཕྲིན་ཚན་རྩལ་སྡེ་ཚན་ (IT) ནམ་བརྡ་འཕྲིན་ཚན་རྩལ་
ལས་ཁུངས་རོགས་རམ་མདུན་ཅོག་ (DoIT Help Desk) ནས་ (Request a Duo security key fob) (ཌོའོ་བདེ་འཇགས་ལྡེ་མིག་ཕོབ་ཞུ་ལེན་བྱ་རྒྱུ།)
རོགས་རམ་ཞུ་སྟངས།
བརྡ་འཕྲིན་ཚན་རྩལ་ལས་ཁུངས་རོགས་རམ་མདུན་ཅོག་(DoIT Help Desk) ལ་འབྲེལ་བ་བྱ་རྒྱུ།
- གློག་འཕྲིན་ help@doit.wisc.edu
- ཁ་པར་ 608-264-4357
རིག་གཞུང་སྐད་ཡིག་ཞབས་ཞུ་ལས་ཁུངས་ (Cultural Linguistic Services) ནས་བོད་སྐད་རོགས་རམ་ཞུ་རྒྱུ།
- གློག་འཕྲིན་ tibetan-cls@wisc.edu
- ཁ་པར་ 608-890-2545

རྒྱུན་འདྲིའི་དྲི་བ།
ངས་གསར་སྣོན་མ་བྱེད་ཚེ་ག་རེ་འབྱུང་ངམ།
ཕྱི་ཟླ་ ༣ ཚེས་ ༣༡ རྗེས་སུ། ཁྱེད་ཀྱིས་ཌོའོ་སྤོ་འཁྱེར་བཀོལ་ཆས་ (Duo Mobile app) སྤྱད་ནས་རྐྱེན་མང་ངོ་རྟགས་ར་འཕྲོད་ (multifactor authentication) དགོས་པའི་གཙུག་ལག་སློབ་ཆེན་མ་ལག་ཁ་འབྱེད་བྱེད་མི་ཐུབ། ཁྱེད་ཀྱིས་རྒྱབ་རྟེན་གསང་རྟགས་ (backup passcodes) སམ་ཌོའོ་བདེ་འཇགས་ལྡེ་མིག་ཕོབ་ (Duo security key fob) བེད་སྤྱོད་བྱེད་དགོས།
ངའི་བཀོལ་ཆས་ཐོན་རིམ་ལ་ཇི་ལྟར་བལྟ་དགོས་སམ།
- ཁྱེད་ཀྱི་ལག་ཐོགས་ཁ་པར་སྟེང་གི་ཌོའོ་སྤོ་འཁྱེར་བཀོལ་ཆས་ (Duo Mobile app) ཀྱི་ཁ་འབྱེད་རྒྱུ།
- སྟོད་ཕྱོགས་གཡོན་ཟུར་གྱི་འདེམ་ཐོ་མཚོན་རྟགས་ (menu icon) (འཕྲེད་ཐྱིག་གསུམ་ཅན) ལ་གཞུ་རྡེག་བྱ་རྒྱུ།
- བཀོལ་ཆས་ཐོན་རིམ་ཨང་གྲངས་ནི་སྨད་ཕྱོགས་གཡོན་ཟུར་ན་ཡོད།
- གལ་ཏེ་ 4.85.0 ལས་རྙིང་པའི་ཐོན་རིམ་ཤར་ཚེ། ད་ལྟ་རང་གསར་སྣོན་བྱ་རྒྱུ།
ཐུགས་སྣང་། ཐོན་རིམ་མཚོན་བྱེད་ཨང་གྲངས་དེ་དག་མགོ་རྙོག་ཡིན་སྲིད། དཔེར་ན། ཐོན་རིམ་ 4.104.0 ལ་ཐོག་མར་བལྟ་སྐབས་གསར་པ་འདྲ་ཞིག་ཏུ་མི་མཐོང་ནའང་ཐོན་རིམ་ 4.85.0 ལས་ཅུང་གསར་པ་རེད།
ངས་ང་རང་གི་ད་ཡོད་ཁ་པར་མུ་མཐུད་དུ་བེད་སྤྱོད་བྱེད་ཆོག་གམ།
ཆོག་གི་ཡོད། ཁྱེད་ཀྱི་ལག་ཐོགས་ཁ་པར་ལ་ཇི་སྲིད་བར་དུ་དགོས་ངེས་ཌོའོ་སྤོ་འཁྱེར་བཀོལ་ཆས་ (Duo Mobile app) ཡོད་པ་དེ་སྲིད་བར་དུ་བེད་སྤྱོད་མུ་མཐུད་བྱེད་ཆོག
ངས་བཀོལ་ཆས་གསར་སྣོན་བྱས་རྗེས་ག་རེ་བྱེད་དགོས་སམ།
ཅི་ཡང་བྱེད་མི་དགོས། ཁྱེད་ཀྱིས་གྲ་སྒྲིག་བྱས་ཚར།
